远方的你 作词 : 民间 作曲 : 民间 ------རྒྱང་རིང་གི་ཁྱེད།------ ---ལེནམཁན། གནམ་མཚོ།--- ---གཞས་ཚིག་སྒྲིག་སྦྱོར། ཡེ་ཤེས་འོད་ཟེར།--- ཨ……ཨ་ལ་དཀར་ཡོལ་ལ་ནི་དཀར་བཟང་གཅིག་ལ་རི་མོ་ལ་བཀྲ་ཤིས་ལ་རྟགས་ལ་ནི་བརྒྱད། དེ་འདྲའི་ལ་དཀར་ཡོལ་འབྲུག་བརྒྱ་ཤ་ཚ་མོ་ལ་རི་བོ་འགྲིག་ས་ལ་མ་རེད། དཀར་ཡོལ་བཀྲ་ཤིས་ལ་རྟགས་བརྒྱད།ནས་ཆང་བདུད་བརྩི་ལ་དཀར་མོ། རྒྱང་རིང་ཆུང་འདྲིས་ཁྱེད་ལ།ལྷག་བསམ་གཉིས་ལས་ལ་ཕུལ་ཆོག དངུལ་དཀར་ཙན་ཏན་ལ་ཕྲེང་བ།གོང་བའི་ལ་ནི་རྒྱས་ཡོད། རི་བོ་རྩེ་གསུམ་མགོ་ནས།ཁྱེད་ཀྱི་ཕྱོགས་སུ་ཕུལ་ཡོད། དབུས་གཙང་ལྷ་སའི་ཕྱོགས་ནས།ཡེ་ཤེས་ནོར་བུ་ལ་མཇལ་དུས། རྒྱང་རིང་ཆུང་འདྲིས་ཁྱེད་ལ།བཀྲ་ཤིས་སྨོན་ལམ་བརྒྱབ་ཡོད། རྒྱང་རིང་ཆུང་འདྲིས་ཁྱེད་ལ།བཀྲ་ཤིས་སྨོན་ལམ་བརྒྱབ་ཡོད།