黑帐篷 作词 : 曲瓦昂秀 作曲 : 玛龙冷智 编曲 : 夏雄扎多 སྦྲ་ནག་ལགས། ཚིག ཆུ་བ་དབང་ཕྱུག དབྱངས། རྨ་གླིང་ལྷུན་གྲུབ། སྔོན་མ་ལེན་མཁན། རྨ་གླིང་ལྷུན་གྲུབ། བསྐྱར་ལེན་མཁན། པད་མཚོ། སྒྲ་ལེན་པ། རི་ལུང་ཐར། རོལ་མོ། བྱ་གཞུང་བཀྲ་རྡོར། ཁྱེད་ཀྱི་ཕུགས་ནས་དཔའ་བོའི་བུ་རྒྱུད་འཁྲུངས། ཁྱེད་ཀྱི་ཕུགས་ནས་ཡ་རབས་མཛངས་མ་འཁྲུངས། སྦྲ་ནག་ཡ་་་་སྦྲ་ནག་ལགས་་་་་ ངའི་ཕ་ཁྱིམ་སྨུག་པོ་སྦྲ་ནག་ལགས། ཁྱེད་ཀྱི་མཐའ་འཁོར་རྟ་ནོར་ལུག་གིས་བསྐོར། ཁྱེད་ཀྱི་སྒོ་འགྲམ་དོམ་ནག་ཁྱི་ཡིས་བསྲུངས། སྦྲ་ནག་ཡ་སྦྲ་ནག་ལགས། ངའི་ཕ་ཁྱིམ་སྨུག་པོ་སྦྲ་ནག་ལགས། ཁྱེད་ཀྱི་འདབས་མ་ས་ཆེན་ཁྱོན་ལ་ཁེངས། ཁྱེད་ཀྱི་སྙན་པ་གོ་ལའི་རྩེ་ལ་འཕུར། སྦྲ་ནག་ཡ་་་་སྦྲ་ནག་ལགས་་་་་ ངའི་ཕ་ཁྱིམ་སྨུག་པོ་སྦྲ་ནག་ལགས།