当前位置: 歌词塔 > 爱的誓言专辑 > 爱的誓言歌词

爱的誓言歌词

歌曲名: 爱的誓言  歌手: 三智才让  所属专辑: 《爱的誓言》

介绍:《爱的誓言》 是 三智才让 演唱的歌曲,该歌曲收录在《爱的誓言》专辑中,如果您觉得好听的话,就把歌词分享给您的朋友共同聆听,一起支持歌手三智才让吧!

爱的誓言

作词 : 岗华
作曲 : 三智才让
Promise of love
ཚིག་རྩོམ་མཁན། གངས་དཔལ།
དབྱངས། དམངས་ཁྲོད་ནས་བཏུས།
ལེན་མཁན། མགར་བསམ་འགྲུབ་ཚེ་རིང་དང་ཁྲི་དབྱངས་ཅན།

ཤིང་ལ་མེ་ཏོག་བཞད་ཀྱང་།།
དབྱར་ཟླ་ཚེས་པ་ཙམ་རེད།།
མདོག་ལ་ཡལ་རྒྱུ་མེད་པའི།།
གསོམ་ཤིང་ཡིན་ན་བསམ་བྱུང་།།
རླུང་བུ་གཡུག་གཡུག་མ་གནང་།།
ཤིང་ལོ་ལྡེམ་ལྡེམ་མི་གཡོ།།
བྱིའུ་ཆུང་འཕུར་ན་ཁྱོད་ཡིན།།
ཡལ་ག་ཆག་ན་ང་ཡིན།
གོས་དཀར་འཕྱོ་བའི་ཁུད་ཀྱི།།
ཆུང་འདྲིས་ཤ་འཇམ་རུས་འཇམ།
ནམ་ཟླ་དགུན་ཁ་སླེབས་ཀྱང་།།
ཤ་དྲོད་སེམས་ཀྱི་མེ་ཡིན།།

དངུལ་དཀར་སོར་གདུབ་ཐོག་ལ།།
ཁྲ་ཀོང་གཡུ་ཡིས་ལྷན་ནས།།
ཟུར་མཛུབ་སྐེ་ལ་བསྐོན་ན།།
དམ་བཅའ་རུས་པས་བསྲུང་ཆོག།

སྣང་བའི་རི་ལ་འཁོར་བའི།
མོ་གཞོན་ཡུ་མོ་སྨུག་ཆུང་།།
རྫ་རྩྭ་རླུང་གིས་ཁུར་རུང་།།
རྫ་ཆུ་མཉམ་འཐུང་བྱས་ཆོག།
ལས་སྐལ་དམར་པོའི་མདུད་པ།།
ལས་ཀྱི་ལམ་ནས་ཐེབས་པས།།
མི་ཚེའི་ལ་མགོར་ཐོན་ན།།
བློ་འགྱོད་བསམ་པ་མི་འདུག།
ལང་ཚོའི་ཟིལ་དངར་ལེན་པའི།།
ཤར་པོ་གཡུ་སྦྲང་གཞོན་ནུ།།
གྲོ་ཞུན་ཟླ་བའི་ཚེས་ལ།།
དགུན་ཟླ་མེད་ན་བསམ་བྱུང་།།

མགྲིན་པ་བརྣངས་བའི་སྙིང་གཏམ།།
ཚིག་རྟིང་མནའ་ཡིས་བསྒགས་ཡོད།།
དབྱངས་ལ་བཀུག་པའི་གཞས་འདིའི།།
ངག་གི་སྲུང་མ་ཁྱོད་ཡིན།།

爱的誓言LRC歌词

[00:00.000] 作词 : 岗华
[00:01.000] 作曲 : 三智才让
[00:06.431]Promise of love
[00:08.370]ཚིག་རྩོམ་མཁན། གངས་དཔལ།
[00:12.341]དབྱངས། དམངས་ཁྲོད་ནས་བཏུས།
[00:17.405]ལེན་མཁན། མགར་བསམ་འགྲུབ་ཚེ་རིང་དང་ཁྲི་དབྱངས་ཅན།
[00:23.908]
[00:27.674]ཤིང་ལ་མེ་ཏོག་བཞད་ཀྱང་།།
[00:32.350]དབྱར་ཟླ་ཚེས་པ་ཙམ་རེད།།
[00:37.354]མདོག་ལ་ཡལ་རྒྱུ་མེད་པའི།།
[00:42.855]གསོམ་ཤིང་ཡིན་ན་བསམ་བྱུང་།།
[00:52.733]རླུང་བུ་གཡུག་གཡུག་མ་གནང་།།
[00:55.425]ཤིང་ལོ་ལྡེམ་ལྡེམ་མི་གཡོ།།
[01:00.392]བྱིའུ་ཆུང་འཕུར་ན་ཁྱོད་ཡིན།།
[01:02.978]ཡལ་ག་ཆག་ན་ང་ཡིན།
[01:10.675]གོས་དཀར་འཕྱོ་བའི་ཁུད་ཀྱི།།
[01:15.634]ཆུང་འདྲིས་ཤ་འཇམ་རུས་འཇམ།
[01:20.535]ནམ་ཟླ་དགུན་ཁ་སླེབས་ཀྱང་།།
[01:25.696]ཤ་དྲོད་སེམས་ཀྱི་མེ་ཡིན།།
[01:36.169]
[01:38.168]དངུལ་དཀར་སོར་གདུབ་ཐོག་ལ།།
[01:40.926]ཁྲ་ཀོང་གཡུ་ཡིས་ལྷན་ནས།།
[01:46.075]ཟུར་མཛུབ་སྐེ་ལ་བསྐོན་ན།།
[01:48.517]དམ་བཅའ་རུས་པས་བསྲུང་ཆོག།
[01:54.062]
[02:43.902]སྣང་བའི་རི་ལ་འཁོར་བའི།
[02:49.529]མོ་གཞོན་ཡུ་མོ་སྨུག་ཆུང་།།
[02:54.248]རྫ་རྩྭ་རླུང་གིས་ཁུར་རུང་།།
[02:59.176]རྫ་ཆུ་མཉམ་འཐུང་བྱས་ཆོག།
[03:09.115]ལས་སྐལ་དམར་པོའི་མདུད་པ།།
[03:11.904]ལས་ཀྱི་ལམ་ནས་ཐེབས་པས།།
[03:16.970]མི་ཚེའི་ལ་མགོར་ཐོན་ན།།
[03:19.554]བློ་འགྱོད་བསམ་པ་མི་འདུག།
[03:26.963]ལང་ཚོའི་ཟིལ་དངར་ལེན་པའི།།
[03:31.876]ཤར་པོ་གཡུ་སྦྲང་གཞོན་ནུ།།
[03:37.206]གྲོ་ཞུན་ཟླ་བའི་ཚེས་ལ།།
[03:42.215]དགུན་ཟླ་མེད་ན་བསམ་བྱུང་།།
[03:53.103]
[03:54.814]མགྲིན་པ་བརྣངས་བའི་སྙིང་གཏམ།།
[03:57.328]ཚིག་རྟིང་མནའ་ཡིས་བསྒགས་ཡོད།།
[04:02.197]དབྱངས་ལ་བཀུག་པའི་གཞས་འདིའི།།
[04:04.917]ངག་གི་སྲུང་མ་ཁྱོད་ཡིན།།

喜欢【爱的誓言】您也可能喜欢TA们的歌曲……